女牧民被棕熊从帐篷内叼走咬死

2020-05-15 08:39 治多公安

关于近期在治多县扎河乡境内发生棕熊袭击牧民事件的情况通报 

2020年5月12日早上7时许,治多县公安局扎河乡派出所接电话报警,称“扎河乡口前村一社阿某某一家凌晨遭棕熊潜入帐篷袭击,其妻被叼走咬伤致死”。派出所接警后第一时间派出民警赶赴现场,同时向县主要领导进行了汇报。治多县委、县政府高度重视,及时组织县公安局、国家公园治多管理处森林公安局组成联合工作组赶赴现场进行处置。

通过现场勘察,袭击事件发生在扎河乡口前村一社阿某某所搭建的帐篷住处,死者系女性,尸体遭大面积啃咬。民警通过寻迹发现肇事棕熊在一家牧户的冬窝子附近活动,为防止棕熊再次侵袭牧户发生伤亡事故,民警现场鸣枪驱赶,却反遭棕熊袭击,为了保证现场人员安全,民警只得开枪将其击倒。后对棕熊尸体进行解剖,发现熊的胃部尚有部分未消化的人体组织。    

目前,县、乡两级党委、政府正在妥善做好死者家属的安抚工作,并协调应急管理、森林公安和保险部门及时落实相关善后事宜。下一步我局将会同森林公安等执法力量,在重点地区开展防范野生动物侵袭巡护工作,同时向辖区群众开展防范野生动物侵害相关防范常识宣传。  

治多县网信部门及公安网警向您温馨提示:为尊重死者及其家属,请广大群众不要转发相关图片及视频。

藏文版

༄༅།།ཉེ་བའི་དུསལ་འབྲི་སྟོད་རྫོང་བྲག་དཀར་ཞང་ཁོངས་སུ་དྲེད་མོང་གིས་འབྲོག་མི་འཇབ་རྒོལ་བྱུང་པའི་དོན་རྐྱེན་གྱོད་གཞི་གནས་ཚུལ་སྐོར་གྱི་

བརྡ་ཁྱབ།

ཟླ་5ཚེས་12ཉིན་གྱི་ཞོགས་པའི་ཆུ་ཚོད་7པ་ཙམ་ལ།འབྲི་སྟོད་རྫོང་སྤྱི་བདེ་ཅུས་བྲག་དཀར་ཞང་མངགས་གཏོང་ཁང་ལ་ཉེན་བརྡའི་ཁ་པར་འབྱོར་ནས“བྲག་དཀར་ཞང་ཁུ་ཁྱིམ་གྲོང་ཚོ་དང་པོའི་ཨ་ག་གེ་མོའི་ཁྱིམ་ཚང་ཐོ་རེངས་གཉིད་དུ་ཡུར་བའི་སྐབས་སུ། དྲེད་མོང་གུར་ནང་འཛུལ་ཏེ་མི་སྣར་འཇབ་རྒོལ་བྱས་པ་དང་ཁོ་ཡི་བཟའ་ཟླས་འཁྱེར་ཏེ་གུར་གྱི་ཕྱི་རོལ་དུ་སོ་བཏབ་ནས་བསད་པ་རེད། ”དེ་དང་ཆབས་ཅིག་ཏུ་རྫོང་གི་འགོ་ཁྲིད་གཙོ་བོར་སྙན་སེང་ཞུས་པ་དང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་སྤྱི་བདེ་ཅུས་དང་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་ནགས་ཚལ་སྤྱི་བདེ་ཅུས་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་ས་གནས་དངོས་ཐོག་ཏུ་ཐག་གཅོད་བྱེད་པར་བསྐྱོད་དགོས་པའི་བཀའ་མངག་བཏང་། 

བྱ་ཡུལ་དངོས་སུ་རྩད་ཞིབ་བྱས་པའི་བརྒྱུད། འཇབ་རྒོལ་དོན་རྐྱེན་དེ་བྲག་དཀར་ཞང་ཁུ་ཁྱིམ་གྲོང་ཚོ་དང་པོའི་ཨ་ག་གེ་མོས་ཕུབ་པའི་གུར་གྱི་སྡོད་གནས་སུ་བྱུང་བ་དང་།ཚེ་ལས་འདས་པ་ནི་བུད་མེད་ཞིག་ཡིན། ཕུང་པོ་ལ་རྒྱ་ཁྱོན་ཆེན་པོས་སོ་བཏབ་ཡོད་པ་དང་། མི་དམངས་ཉེན་རྟོག་པས་རྗེས་ཤུལ་བཙལ་ནས་དྲེད་མོང་དེ་འབྲོག་དུད་ཞིག་གི་དགུན་ཚང་དུ་འཁོར་བ་ཤེས།དྲེད་མོང་གིས་ཡང་བསྐྱར་འབྲོག་དུད་ལ་འཇབ་རྒོལ་བྱེད་པར་སྔོན་འགོག་བྱེད་ཆེད། མི་དམངས་ཉེན་རྟོག་པས་ས་གནས་དངོས་ཐོག་ཏུ་མེ་མདའ་བརྒྱབ་ནས་མཐར་སྐྲོད་བཏང་མོད། འོན་ཀྱང་དྲེད་མོང་དེས་དེ་ལས་ལྡོག་སྟེ་ཁྲིམས་འཛིན་མི་དམངས་ཉེན་རྟོག་པའི་ཕྱོགས་སུ་བརྒྱུགས། མི་དམངས་ཉེན་རྟོག་པས་་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད་དྲེད་མོང་དེ་གསོད་རྒྱུ་ལས་མ་བྱུང་། ཕྱིས་སུ་དྲེད་མོང་གི་རོ་དེ་གཤག་འབྱེད་བྱེད་སྐབས། དྲེད་མོང་གི་ཕོ་བ་ནང་དུ་འཇུ་མ་ཐུབ་པའི་མི་ལུས་ཀྱི་ཕུང་གྲུབ་ཁ་ཤས་ཡོད་པ་མཐོང་། 

དེང་སྐབས། བྲག་དཀར་ཞང་ཏང་ཨུ་དང་སྲིད་གཞུང་གིས་ཚེ་འདས་ཀྱི་ནང་མིར་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད། འཕྲལ་སྡོམ་དོ་དམ་དང་། ནགས་ཚལ་སྤྱི་བདེ། འགན་བཅོལ་བཅས་སྡེ་ཁག་དང་མཐུན་སྦྱོར་བྱས་ནས། རྗེས་མའི་ལས་དོན་དུས་ཐོག་ཏུ་ཡག་པོ་སྒྲུབ་བཞིན་ཡོད། གོམ་སྟབས་རྗེས་མར་ངེད་ཅུའུ་ཡིས་ནགས་ཚལ་སྤྱི་བདེ་སོགས་ཁྲིམས་འཛིན་སྟོབས་ཤུགས་དང་མཉམ་དུ་གཙོ་གནད་ས་ཁུལ་ལ་ཆུ་སྒོ་ཕྱེ་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གནོད་འཚེ་སྔོན་འགོག་གི་སྐོར་སྲུང་ལས་དོན་སྤེལ་བ་དང་།ཆབས་ཅིག་ཏུ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གནོད་འཚེ་སྔོན་འགོག་གི་འབྲེལ་ཡོད་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་རེད། 

འབྲི་སྟོད་དྲ་འཕྲིན་སྡེ་ཁག་དང་སྤྱི་བདེ་ཉེན་རྟོག་པས་དྲོད་སྐྱིད་ཀྱིས་གསལ་འདེབས་བྱས་དོན་ནི། ཤི་བོ་དང་དེའི་ཁྱིམ་མིར་བརྩི་བཀུར་བྱ་ཆེད།རྒྱ་ཆེའི་མང་ཚོགས་ཀྱིས་འབྲེལ་ཡོད་པར་རིས་དང་བརྙན་རིས་བརྒྱུད་སྤེལ་མ་བྱེད།། །།     

责编:韩雯雯
阅读数(7525
不感兴趣

不感兴趣

  • 广告软文
  • 重复、旧闻
  • 文章质量差
  • 文字、图片、视频等展示问题
  • 标题夸张、文不对题
  • 与事实不符
  • 低俗色情
  • 欺诈或恶意营销
  • 疑似抄袭
  • 其他问题,我要吐槽
*请填写原因

感谢您的反馈,我们将会减少此类文章的推荐